查看原文
其他

བོད་ཀྱི་བྱིས་པ30ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ནང་ཞུཊ་པ།


    ཉེ་ཆར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《གདོང་ལེན་པར་མཉམ་དུ་གླུ་དབྱངས་ལེན》ཞེས་པའི་ལེ་ཚན་གྱི་གར་སྟེགས་ཐོག་བོད་ལྗོངས་ཇོ་མོ་གླང་མ་ལོ་ཆུང་གཞོན་ནུའི་མཉམ་གཞས་ཚོགས་པའི་སློབ་གཉེར་བ་ཚོས་བྱིས་པའི་གླུ་སྒྲ་སྙན་མོར་བརྟེན་ནས་དུས་རབས་ཀྱི་དབྱངས་རྟ་བསྒྲགས་པ་དང་བོད་ཀྱི་བརྩེ་བ་ཟབ་མོ་བརྒྱུད་སྤྲོད་བྱས་པ་རེད།


བོད་ལྗོངས་ཇོ་མོ་གླང་མ་ལོ་ཆུང་གཞོན་ནུའི་མཉམ་གཞས་ཚོགས་པས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གར་སྟེགས་ཐོག་མཉམ་གཞས་གཏོང་བཞིན་པ།    ལེ་ཚན་འཁྲབ་སྟོན་བྱེད་རིང་། སློབ་གཉེར་བ་30ལྷག་ཙམ་གྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པ་དང་སྙིང་སྟོབས་ཆེར་སྐྱེད་ཀྱི་སྒོ་ནས《གངས་ལྷ་མེ་ཏོག》དང་།《ངའི་ཕ་ཡུལ་གཞིས་ཀ་རྩེ》《ངག་བསྡམས་པའི་གངས་རི》《གོས་འཁྲུའི་གླུ་གཞས》《ལྷོ་པའི་ལོ་ཆུང་གཞོན་ནུ》བཅས་འཁྲབ་སྟོན་བྱས་པར་ས་གནས་ས་ཐོག་གི་རིགས་གཅིག་མཁས་ཅན་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སྒྲིག་བཟོ་ཚོགས་པའི་ཁས་ལེན་གང་ལེགས་ཐོབ་པ་མ་ཟད། ལེ་ཚན་བསྟན་རྗེས་དྲ་ཐོག་དང་དྲ་ཕྱི་གཉིས་ཀར་གདེང་འཇོག་བཟང་པོ་ཐོབ་པ་རེད།    བོད་ལྗོངས་ཇོ་མོ་གླང་མ་ལོ་ཆུང་གཞོན་ནུའི་མཉམ་གཞས་ཚོགས་པས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གར་སྟེགས་ཐོག་མཉམ་གཞས་གཏོང་བཞིན་པ།    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་མཐའ་འཁྱོངས་བྱས་ཏེ། བྱ་ཐབས་སྣ་མང་སྤྱད་ནས་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་གཏོད་ལ་སྐུལ་འདེད་བཏང་བ་དང་། ཀྲུང་དབྱང་རོལ་དབྱངས་སློབ་གླིང་གི་མཛུབ་ཁྲིད་འོག གུང་གཞོན་སྡེ་ཚོགས་རང་སྐྱོང་ལྗོངས་ཨུ་ལྷན་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་སོགས་ཚན་པ་11གིས་བོད་ལྗོངས་ཇོ་མོ་གླང་མ་ལོ་ཆུང་གཞོན་ནུའི་མཉམ་གཞས་ཚོགས་པ་བཙུགས་པ་རེད། 


འོས་སྦྱོར།

ད་ལོའི་དགུ་ཐུག་བོད་ཚེས་ག་ཚོད་ལ་འཐུང་དགོས་མིན་ཐད། མཁས་དབང་གིས……

ལོ་གསར་གྱི་སྐེ་མཚམས་འདིར་ནག་ཆུའི་ལས་བྱེད་པ་བཞི་བརྡ་ཁྱབ་བཏང་འདུག

ཐེར་འདོན་ཁ་པར་ཨང་གྲངས་འདི་ན་ཡོད། གླ་ཕོཊ་འགྱངས་ཆད་བྱས་ན……




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། ཆོས་བཟང་། ལག་བསྟར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com



继续滑动看下一个

བོད་ཀྱི་བྱིས་པ30ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ནང་ཞུཊ་པ།

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存